འཕྲལ་གྱི་གནས་ཚུལ།

ཞི་གཡོག་ཕན་བདེའི་ལས་འཆར་ནང་འཐུས་མི་འབད་འཛུལ་ཞུགས་ཀྱི་དོན་ལུ་ ངོས་ལེན་མ་འབད་མི་ཚུ་གི་དོན་ལུ་ དུས་ཡུན་ཟླ་ངོ་༡ ཕར་འགྱངས་འབད་ཡོདཔ་ཨིན།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཡིག་ཨང་ ཞི་ལྷན་/པི་པི་དྲི་/དྲབ་ལུ་ཡུ་-༣/༢༠༡༥/༡༢༨༢ སྤྱི་ཚེས་༡༢/༡༡/༢༠༡༥ ཅན་མའི་ནང་གསལ་ ཞི་གཡོག་ཕན་བདེ་ལས་འཆར་གྱི་དོན་ལུ་ འཐུས་མི་འབད་འཛུལ་ཞུགས་འབད་ནིའི་དོན་ལུ་ སྤྱི་ཟླ་༡༢ པའི་སྤྱི་ཚེས་༣༡ ཚུན་ ཞག་དུས་སྤྲོད་ཡོད་མི་འདི་ལུ་ ངོས་ལེན་མ་འབད་མི་ཚུ་ལུ་ དུས་ཡུན་ཕར་འགྱངས་ཟླ་ངོ་༡ སྤྱི་ཚེས་༢༨/༠༢/༢༠༡༦ ཚུན་སྤྲོད་ཡོདཔ་ཨིན། འདི་ལུ་ཡང་ ངོས་ལེན་མ་འབད་བ་ཅིན་ ཞི་གཡོག་ཕན་བདེའི་ལས་འཆར་གྱི་འཐུས་མི་འབད་བརྩི་འཇོག་འབད་ནི་མེདཔ་ཨིན།  ཁ་གསལ།

ཞི་གཡོག་ཕན་བདེའི་ལས་འཆར་ནང་འཐུས་མི་འབད་འཛུལ་ཞུགས་ཀྱི་དོན་ལུ་ ངོས་ལེན་མ་འབད་མི་ཚུ་གི་དོན་ལུ་ དུས་ཡུན་ཟླ་ངོ་༡ ཕར་འགྱངས་འབད་ཡོདཔ་ཨིན། Read More »

འཕྲལ་གྱི་གནས་ཚུལ།, སྤྱིར་གཏང་གི་བརྡ་སྐུལ།

སྤྱི་ལོ་༢༠༡༥ འི་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་ཚུ་གི་དོན་ལུ་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ཁྱབ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ཚེས་༢༠/༠༡/༢༠༡༦ ལུ་ འགོ་ཐོག་ཁཝ་རྐྱབ་པའི་ངལ་གསོ་དང་ སྤྱི་ཚེས་༢༥/༠༡/༢༠༡༦ ལུ་ ཁྲོམ་སྡེ་བཙག་འཐུའི་དུས་ཚོད་འབདཝ་ལས་བརྟེན་ སྤྱི་ཚེས་༢༠, ༢༡, ༢༢, དང་ ༢༥ ལུ་ ངག་རྒྱུགས་ཀྱི་ཆོས་རྒྱུགས་ཕོག་མི་ཚུ་ གཤམ་གསལ་ལྟར་བསྒྱུར་བཅོས་སོང་ཡོདཔ་ཨིན། ཨང་ ཧེ་མའི་ངག་རྒྱུགས་ཚེས་གྲངས། ངག་རྒྱུགས་བསྒྱུར་བཅོས་ཚེས་གྲངས། ༡༽ ༢༠/༠༡/༢༠༡༦ ༢༡/༠༡/༢༠༡༦ ༢༽ ༢༡/༠༡/༢༠༡༦ ༢༢/༠༡/༢༠༡༦ ༣༽ ༢༢/༠༡/༢༠༡༦ ༢༣/༠༡/༢༠༡༦ ༤༽ ༢༥/༠༡/༢༠༡༦ ༢༤/༠༡/༢༠༡༦   ངག་རྒྱུགས་ཚེས་གྲངས་གཞན་རིགས་ རང་འཇགས་དེ་སྦེ་རང་ཡོདཔ་ཨིན།

སྤྱི་ལོ་༢༠༡༥ འི་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་ཚུ་གི་དོན་ལུ་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ཁྱབ་བསྒྲགས། Read More »

འཕྲལ་གྱི་གནས་ཚུལ།, སྤྱིར་གཏང་གི་ཁྱབ་བསྒྲགས།

གོ་གནས་ཡར་སེང་།

སྤྱི་ཚེས་༢༢/༡༢/༢༠༡༥ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་༤༨ པའི་ གྲོས་ཆོད་དང་འཁྲིལ་ཏེ་ མི་གྲངས་༡༢ ལུ་ གཟེངས་ཐོན་གོ་གནས་ཡར་སེང་དང་ མི་གྲངས་༡༨ ལུ་ མགྱོགས་འགྲོས་གོ་གནས་ཡར་སེང་ གནང་ཡོདཔ་ཨིན། གཟེངས་ཐོན་གོ་གནས་ཡར་སེང་།  ཁ་གསལ། མགྱོགས་འགྲོས་གོ་གནས་ཡར་སེང་།  ཁ་གསལ།

གོ་གནས་ཡར་སེང་། Read More »

ངེས་མེད།, འཕྲལ་གྱི་གནས་ཚུལ།, སྤྱིར་གཏང་གི་ཁྱབ་བསྒྲགས།, སྤྱིར་གཏང་གི་བརྡ་སྐུལ།
Scroll to Top