Rajan

ནོར་བཅོས། སློབ་སྟོན་གོང་འཕེལ་གྱི་དོན་ལུ་ ཀྲོང་གསར་དཔོན་སློབ་ཀྱི་སློབ་གཉེར་གྲོགས་རམ།

སློབ་སྟོན་གོང་འཕེལ་གྱི་དོན་ལུ་ ཀྲོང་གསར་དཔོན་སློབ་ཀྱི་སློབ་གཉེར་གྲོགས་རམ་གྱི་ཁྱབ་བསྒྲགས་ཨང་ ཨར་སི་ཨེས་སི་/ཨེཆ་ཨར་དྲི་-༢༡-༣/༢༠༡༦/༣༥༠༤ སྤྱི་ཚེས་༢༦/༠༤/༢༠༡༦ ཅན་མའི་ནང་གསལ་ ཚད་གཞི་ ཁ་པའི་ནང་ནོར་འཁྲུལ་ཡོདཔ་ལས་ གཤམ་གསལ་ལྟར་དགོཔ་ཨིན།  ཁ་གསལ།

ནོར་བཅོས། སློབ་སྟོན་གོང་འཕེལ་གྱི་དོན་ལུ་ ཀྲོང་གསར་དཔོན་སློབ་ཀྱི་སློབ་གཉེར་གྲོགས་རམ། Read More »

ཁྱབ་བསྒྲགས།, སློབ་གཉེར་གྲོགས་རམ།

བཀོད་ཁྱབ་གནས་སོར།

སྤྱི་ཚེས་༠༣/༠༥/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་ཚོགས་ཞལ་འཛོམས་ཐེངས་༦༠ པའི་གྲོས་ཆོད་དང་འཁྲིལ་ཏེ་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱི་ སྨན་རིགས་ཚད་འཛིན་འགོ་དཔོན་ བསོད་ནམས་རྡོ་རྗེ་དེ་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེའི་ཡིག་ཚང་ནང་ བཀོད་དཔོན་སྦེ་ སྤྱི་ཚེས་༡༥/༠༥/༢༠༡༦ ལས་ ལས་གཡོག་གནས་སོར་སྦེ་བཏངམ་ཨིན།  

བཀོད་ཁྱབ་གནས་སོར། Read More »

སྤྱིར་གཏང་གི་ཁྱབ་བསྒྲགས།

ལྷོ་ཨེ་ཤེ་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཀོ་ལོམ་བྷོ་ཡིག་ཚང་ནང་གཡོག་གི་ས་སྟོང་ཡོདཔ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཤྲི་ལང་ཀ་ རྒྱལ་ས་ཀོ་ལོམ་བྷོ་ལུ་ཡོད་པའི་ ཨེ་ཤེ་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཡིག་ཚང་ནང་ གཤམ་གསལ་གཡོག་གི་ས་སྟོང་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། མདོ་ཆེན་འོགམ། (ལས་རིམ) དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མ་ ལེའུ་༡༥ པའི་ སྐབས་གཡོག་གི་དོན་ཚན་༡༥.༤ པའི་དགོངས་དོན་ཚུ་གི་ཚད་གཞི་ཚང་དགོཔ་ཨིན། གནད་དོན་ཁ་གསལ་གྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཨང་www.saarcculture.org ནང་ལུ་གཟིགས་གནང་ནི་དང་ ཞུ་ཡིག་ཚུ་ spelzom@mfa.gov.bt ལུ་གཏང་གནང་དགོ།

ལྷོ་ཨེ་ཤེ་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཀོ་ལོམ་བྷོ་ཡིག་ཚང་ནང་གཡོག་གི་ས་སྟོང་ཡོདཔ། Read More »

གཡོག་གི་ས་སྟོང།, ས་སྟོང་གསལ་བསྒྲགས།