དབྱེ་ཁག་གི་གཏན་འཛོད།གྲུབ་འབྲས།

དངུལ་རྩིས་ལྷན་ཁག་ འཆར་དངུལ་ལས་ཁུངས་ཀྱི་མདོ་ཆེན་གྱི་གོ་གནས་ཀྱི་དོན་ལུ་ གདམ་འཐུའི་གྲུབ་འབྲས།

དངུལ་རྩིས་ལྷན་ཁག་ འཆར་དངུལ་ལས་ཁུངས་འོག་གི་ མི་སྡེ་དང་ལམ་སྲོལ་སྡེ་ཚན་གྱི་ འཆར་དངུལ་གཙོ་འཛིན་འགོ་དཔོན་ བདེ་སྐྱིད་དབང་མོ་དེ་ འཆར་དངུལ་ལས་ཁུངས་ཀྱི་མདོ་ཆེན་སྦེ་གདམ་འཐུ་གྲུབ་ཡོདཔ་ཨིན། དེ་ཡང་ སྤྱི་ཚེས་༢༦/༠༣/༢༠༢༡ ལུ་ ཀུན་གཏོགས་འགྲན་བསྡུར་གྱི་བྱ་རིམ་འགོ་འདྲེན་འཐབ་པའི་གྲུབ་འབྲས་ཨིན། འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་དོན་ཚན་༢༦.༤.༣.༦(ཁ) པ་དང་འཁྲིལ་ གདམ་འཐུ་གྲུབ་མི་ མི་ངོམ་གྱིས་ སྤྱི་ཚེས་༡༩/༠༤/༢༠༢༡ གི་ནང་འཁོད་ གཤམ་གསལ་གྱི་ཡིག་ཆ་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཀོད་ཁྱབ་དང་མཁས་མཆོག་འཛིན་སྐྱོང་སྡེ་ཚན་ནང་བཙུགས་དགོཔ་ཨིན། – རྩིས་ཞིབ་ཉོག་མེད།(ཆ་གནས་ཡོད་པའི་འདྲ།) – ཉེན་སྲུང་ཉོག་མེད་ལག་ཁྱེར།(ཆ་གནས་ཡོད་པའི་འདྲ།) Post Views: 1,073

གྲུབ་འབྲས་གསལ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༨ ལོའི་ རྒྱ་གཞུང་འོང་འབབ་ལས་གཡོག་གི་སྦྱོང་བརྡར་གྱི་དོན་ལུ་ སྤྱི་ཚེས་༡༩/༠༦/༢༠༡༨ ལུ་དྲིས་ལན་འགོ་འདྲེན་འཐབ་ཡོད་མི་འདི་གི་གདམ་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། Post Views: 1,037

རྒྱལ་ཡོངས་ཚོགས་འདུའི་མདོ་ཆེན་གྱི་གོ་གནས་ཁར་ གདམ་འཐུའི་གྲུབ་འབྲས།

ལྷན་རྒྱས་གཞུང་ཚོགས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ ངོམ་གྲུབ་པ་ ཞི་གཡོག་ངོ་རྟགས་ཨང་༩༩༠༡༠༠༧ ཅན་མ་དེ་ གདམ་འཐུ་གྲུབ་ཡོདཔ་ཨིན། Post Views: 1,218