དབྱེ་ཁག་གི་གཏན་འཛོད།གཡོག་གི་ས་སྟོང།

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ མི་སྟོབས་གཙོ་འཛིན་འགོ་དཔོན་གྱི་སྟོང་ཡོདཔ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་མི་སྟོབས་གཙོ་འཛིན་འགོ་དཔོན་གྱི་སྟོང་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ། Post Views: 833

ལྷོ་ཨེ་ཤེ་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཀོ་ལོམ་བྷོ་ཡིག་ཚང་ནང་གཡོག་གི་ས་སྟོང་ཡོདཔ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཤྲི་ལང་ཀ་ རྒྱལ་ས་ཀོ་ལོམ་བྷོ་ལུ་ཡོད་པའི་ ཨེ་ཤེ་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཡིག་ཚང་ནང་ གཤམ་གསལ་གཡོག་གི་ས་སྟོང་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། མདོ་ཆེན་འོགམ། (ལས་རིམ) དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མ་ ལེའུ་༡༥ པའི་ སྐབས་གཡོག་གི་དོན་ཚན་༡༥.༤ པའི་དགོངས་དོན་ཚུ་གི་ཚད་གཞི་ཚང་དགོཔ་ཨིན། གནད་དོན་ཁ་གསལ་གྱི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཨང་www.saarcculture.org ནང་ལུ་གཟིགས་གནང་ནི་དང་ ཞུ་ཡིག་ཚུ་ spelzom@mfa.gov.bt ལུ་གཏང་གནང་དགོ། Post Views: 887

སོ་ནམ་དང་ནགས་ཚལ་ལྷན་ཁག་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་ མདོ་ཆེན་གྱི་དོན་ལུ་ ཕྱི་སེལ་གདམ་འཐུ་གྲུབ་པའི་ཐོ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་ མདོ་ཆེན་གྱི་ལུ་ ཞུ་ཡིག་བཙུགས་མི་༡༠ གྱིས་ཕྱི་སེལ་གདམ་འཐུ་གྲུབ་ཡོད་མི་ཚུ་ རང་སོའི་གློག་འཕྲིན་བརྒྱུད་དེ་གསལ་བསྒྲགས་འབདཝ་ཨིན། ཕྱི་སེར་གྲུབ་མི་ཚུ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༥ པའི་སྤྱི་ཚེས་༥ གི་ དྲོ་པ་ཆུ་ཚོད་༨:༥༠ ལུ་ ཞི་གཡོག་ལྷན་ཚོགས་ནང་སྙན་ཞུ་འབད་གནང་ཟེར་ཞུ་ནི། ས་སྟོང་གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ ཞུ་ཡིག་བཙུགས་མི་ག་ར་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ བཀྲིན་ཆེ་ཟེར་ཞུ་ནི་ཨིན། བརྡ་དོན་ཁ་གསལ་གྱི་དོན་ལུ་ ཡིག་ཚང་གི་དུས་ཚོད་ཁར་ ཞི་གཡོག་ལྷན་ཚོགས་ཀྱི་ བཀོད་ཁྱབ་འཛིན་སྐྱོང་སྡེ་ཚན་གྱི་ མི་སྟོབས་འགོ་དཔོན་ ལུའིས་མོང་གར་དང་ཚེ་རིང་དཔལ་འབྱོར་གཉིས་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༣༢༢༤༩༡/ ༣༢༢༩༥/༦༤༣༢༢/༣༢༢༩༥༦ ཐད་ཐཀར་འབྲེལ་འཐབས་ཨང་༡༣༢ ནང་འབྲེལ་བ་མཛད་གནང་། Post Views: 1,010