དབྱེ་ཁག་གི་གཏན་འཛོད།གཡོག་གི་ས་སྟོང།

ཞབས་ཏོག་ལྷན་ཁག་ ཞབས་ཏོག་ལས་ཁུངས་ཀྱི་དོན་ལུ་ མདོ་ཆེན་གྱི་གོ་གནས་ར་གདམ་འཐུའི་གྲུབ་འབྲས།

ཤེས་རིག་ལྷན་ཁག་ སློབ་གྲྭའི་ཤེས་ཡོན་ལས་ཁུངས་འོག་གི་ སློབ་གྲྭའི་འཆར་གཞི་དང་གོང་འཕེལ་སྡེ་ཚན་གྱི་ བཟོ་རིག་གཙོ་འཛིན་ ངོམ་ཀརྨ་བསོད་ནམས་ ཞི་གཡོག་ངོ་རྟགས་ཨང་༩༡༠༧༡༡༢ ཅན་མ་འདི་ ཞབས་ཏོག་ལྷན་ཁག་ ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་སྦེ་གདམ་འཐུ་གྲུབ་ཡོདཔ་ཨིན།   ཁ་གསལ། Post Views: 914

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ མི་སྟོབས་གཙོ་འཛིན་འགོ་དཔོན་གྱི་དོན་ལུ་ ཞུ་ཡིག་བཙུགས་མིའི་ཕྱི་སེལ་ཐོ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ཚེས་༡༤/༠༧/༢༠༡༦ ལུ་ ཚོགས་ཡོད་པའི་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་ཐེངས་༤༤ པའི་གྲོས་ཆོད་དང་འཁྲིལ་ཏེ་ གཤམ་གསལ་ལྟར་ མི་སྟོབས་གཙོ་འཛིན་འགོ་དཔོན་གྱི་དོན་ལུ་ཞུ་ཡིག་བཙུགས་མི་ཚུ་གི་ཕྱི་སེལ་གྲུབ་ཡོད་པའི་གྲུབ་འབྲས་གསལ་སྟོན་འབདཝ་ཨིན། Post Views: 1,006

ཡང་བསྐྱར་ཁྱབ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དོན་ལུ་ མི་སྟོབས་གཙོ་འཛིན་འགོ་དཔོན་གྱི་སྟོང་གསལ་བསྒྲགས་འབད་མི་འདི་གི་ ཞུ་ཡིག་བཙུགས་ཚེས་འདི་ སྤྱི་ལོ་༢༠༡༦ སྤྱི་ཟླ་༧ པའི་སྤྱི་ཚེས་༨ ཚུན་ ཕར་འགྱངས་འབད་ཡོད་པའི་ཁྱབ་བསྒྲགས་འབདཝ་ཨིན། འོས་ཚད་དང་གཞན་ཡིག་རིགས་བཙུགས་དགོ་མི་གི་དོན་ལུ་ ཧེ་མའི་ཁྱབ་བསྒྲགས་ཨང་ RCSC/HRS(02)2016/4773, dated June 9, 2016    འདི་ནང་གཟིགས་གནང་། Post Views: 864