དབྱེ་ཁག་གི་གཏན་འཛོད།ངེས་མེད།

སྤྱི་ལོ་༢༠༡༦ ལོའི་ ཨེ་ཤེ་ཡའི་འཛིན་སྐྱོང་སྤེལ་ཁང་ནང་ གོང་འཕེལ་འཛིན་སྐྱོང་གི་གཙུག་ལག་མཐོ་རིམ་ཤེས་ཚད།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༦ ལོའི་ ཨེ་ཤེ་ཡའི་འཛིན་སྐྱོང་སྤེལ་ཁང་ནང་ གོང་འཕེལ་འཛིན་སྐྱོང་གི་གཙུག་ལག་མཐོ་རིམ་ཤེས་ཚད་ཀྱི་དོན་ལུ་ ཞུ་ཡིག་ཚུ་ངོས་ལེན་འབད་དེ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ ཡོངས་འབྲེལ་ཁ་བྱང་འདི་ནང་ལས་གཟིགས་གནང་།   http://mdmonlineadmissions.aim.edu/. Post Views: 889

སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ རྒྱ་གར་འཕྲུལ་རིག་དང་དཔལ་འབྱོར་མཐུན་འབྲེལ་གྱི་སྦྱོང་བརྡར་ལས་རིམ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྒྱ་གཞུང་ ཕྱི་འབྲེལ་ལྷན་ཁག་གིས་རྒྱབ་སྐྱོར་ཧྲིལ་འབུམ་ཡོད་པའི་ སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ ཀོ་ལོམ་བྷོ་འཆར་གཞིའི་སྦྱོང་བརྡར་གྱི་ རྒྱ་གར་འཕྲུལ་རིག་དང་དཔལ་འབྱོར་མཐུན་འབྲེལ་གྱི་སྦྱོང་ཚན་གྱི་དོན་ལུ་ ཐོ་བཀོད་འགོ་བཙུགས་ཡོདཔ་ལས་ དང་འདོད་ཡོད་མི་ཚུ་གིས་ ཞུ་ཡིག་བཙུགས་དགོ་པའི་ཞུ་བ་འབདཝ་ཨིན།  ཁ་གསལ། Post Views: 861

ཚོང་འབྲེལ་བདག་སྐྱོང་གི་གཙུག་ལག་མཐོ་རིམ་ཤེས་ཚད་ཀྱི་དོན་ལུ་ པཱན་ཡ་པི་ཝཊ་འཛིན་སྐྱོང་སྤེལ་ཁང་ནང་ ཚོང་འབྲེལ་བདག་སྐྱོང་གི་སློབ་གཉེར་གྲོགས་རམ་ ཆ་ཤས་ཙམ་ཡོདཔ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཐཱའི་ལེནཌ་ པཱན་ཡ་པི་ཝཊ་འཛིན་སྐྱོང་སྤེལ་ཁང་ནང་ ཚོང་འབྲེལ་བདག་སྐྱོང་གི་གཙུག་ལག་མཐོ་རིམ་ཤེས་ཚད་ཀྱི་ ཆ་ཤས་ཙམ་གྱི་སློབ་གཉེར་གྲོགས་རམ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན།   ཁ་གསལ། Post Views: 866