དབྱེ་ཁག་གི་གཏན་འཛོད།ངེས་མེད།

འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་དོན་ཚན་ ༩.༧.༦.༥ པ་དང་འཁྲིལ་ ཡུན་རིང་སློབ་སྦྱོང་སྐབས་ཀྱི་སློབ་སྦྱོང་བལྟ་བཤལ་གྱི་དོན་ལུ་འོས་འབབ་ཚད་གཞི་འཕྲི་སྣོན་འབད་ཡོད་པའི་བརྡ་སྐུལ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཁ་ཐུག་ལས་བརྟག་ཞིབ་དང་གྲོས་བསྟུན་མཐིལ་ཕྱིན་འབད་ཞིནམ་ལས་ མི་སྟོབས་ཀྱི་བྱ་རིམ་ཚུའི་དབང་ཚད་ཕྱིར་སྤེལ་ལེ་ཤ་འབད་ཚུགས་ཐབས་ལུ་དང་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་དོན་ཚན་ ༩.༧.༦.༥ པ་འདི་གོ་རྟོགས་ལེགས་ཤོམ་སྦེ་ལག་ལེན་བསྟར་སྤྱོད་འབད་ནིའི་དོན་ལུ་ སློབ་སྦྱོང་བལྟ་བཤལ་གྱི་གཞི་བཀོད་ཅིག་བཟོ་ཡོདཔ་ཨིན། ཁ་གསལ། Post Views: 1,937

རྒྱ་གཞུང་ཕྱི་འབྲེལ་ལྷན་ཁག་འོག་གི་ནགས་ཚལ་ཞིབ་འཚོལ་སྤེལ་ཁང་གི་སློབ་གཉེར་གྲོགས་རམ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྒྱ་གར་གཞུང་གི་ཕྱི་འབྲེལ་ལྷན་ཁག་འོག་གི་ ཨུ་ཏར་ཁཱན་ནགས་ཚལ་ཞིབ་འཚོལ་གཙུག་ལག་སྤེལ་ཁང་ནང་ལུ་སྦེ་ སྤྱི་ལོ་ ༢༠༡༩-༢༠༢༡ ལོའི་ ཚན་རིག་ཆོས་ཚན་ནང་གཙུག་ལག་མཐོ་རིམ་གོང་མའི་སློབ་སྦྱོང་གི་སློབ་གཉེར་གྲོགས་རམ་ ༢ ཕུལ་དོ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 782

ཇ་པཱན་གྱི་མ་དངུལ་གྲོགས་རམ་ཐོག་མི་སྟོབས་གོང་འཕེལ་གྱི་ལས་འགུལ་གྱི་སློབ་གཉེར་གྲོགས་རམ་གྱི་མཐའ་དཔྱད་གྲུབ་འབྲས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཇ་པཱན་གྱི་མ་དངུལ་གྲོགས་རམ་ཐོག་མི་སྟོབས་གོང་འཕེལ་གྱི་ལས་འགུལ་གྱི་སློབ་གཉེར་གྲོགས་རམ་གྱི་མཐའ་དཔྱད་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 753