དབྱེ་ཁག་གི་གཏན་འཛོད།ངེས་མེད།

ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་གི་ བཀོད་ཁྱབ་དྲུང་ཆེན་གྱི་གོ་གནས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མིའི་ཕྱི་སེལ་ཐོ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐིམ་ཕུག་ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་གྱི་ས་སྟོང་གི་དོན་ལུ་ ཞུ་ཡིག་བཙུགས་མི་ མི་གྲངས་༡༠ ཕྱི་སེལ་གདམ་འཐུ་གྲུབ་མི་ཚུ་ གློག་འཕྲིན་བརྒྱུད་དེ་ གསལ་བསྒྲགས་འབད་ཡོདཔ་ཨིན། ཕྱི་སེལ་གདམ་འཐུ་གྲུབ་མི་ མི་ངོམ་ཚུ་ སྤྱི་ཚེས་༥/༡༡/༢༠༡༥ དྲོ་པ་ཆུ་ཚོད་༨:༥༠ ལུ་ ཞི་ལྷན་ཞལ་འཛོམས་ཁང་ནང་ གདམ་འཐུ་དྲིས་ལན་གྱི་དོན་ལུ་ སྙན་ཞུ་འབད་གནང་། བཀོད་ཁྱབ་དྲུང་ཆེན་གྱི་འགན་དབང་སྐོར་ལས་མཁྱེན་འདོད་ཡོད་མི་ཚུ་ ནཱ་ལས་གཟིགས་གནང་། ས་སྟོང་དེའི་དོན་ལུ་ ཞུ་ཡིག་བཙུགས་མི་ག་ར་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི། བརྡ་དོན་ཁ་གསལ་གྱི་དོན་ལུ་ བཀོད་ཁྱབ་འཛིན་སྐྱོང་སྡེ་ཚན་གྱི་ མི་སྟོབས་འགོ་དཔོན་ བཀྲིས་ཆོས་འཛོམས་དང་ལུ་ཡིས་མོང་གར་གཉིས་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་༣༢༢༤༩༡/༣༢༢༩༥༤/༣༢༢༩༥༦ (ཐད་ཀར་འབྲེལ་འཐབ་ཨང་༡༢༡) ནང་ ཡིག་ཚང་གི་དུས་ཚོད་ལུ་ འབྲེལ་བ་མཛད་གནང་། Post Views: 996

གཡོག་གི་ས་སྟོང་གསལ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཡོག་ཐོག་ཞི་གཡོགཔ་གི་དོན་ལུ་ གཤམ་གསལ་གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། གོ་གནས། བཀོད་ཁྱབ་དྲུང་ཆེན། གོ་གནས་ཀྱི་གནས་རིམ། བཀོད་ཁྱབ་༣ པ་ ཀ ཉུང་མཐའི་ཤེས་ཚད་དགོཔ། གཙུག་ལག་ཤེས་ཚད་ཡོད་མི། ལས་སྡེ། ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་ནང་།  ཁ་གསལ། Post Views: 920

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ མདོ་ཆེན་གོ་གནས་ས་སྟོང་གྱི་དོན་ལུ་ཞུ་ཡིག་བཙུགས་མིའི་གདམ་འཐུ་ཕྱི་སེལ་འབད་ཡོད།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ མདོ་ཆེན་གྱི་གཡོག་གི་ས་སྟོང་གི་དོན་ལུ་ ཞུ་ཡིག་བཙུགས་མི་ མི་གྲངས་བདུན་གདམ་འཐུའི་ཕྱི་སེལ་འབད་ཡོདཔ་ཨིན། ཁ་གསལ། Post Views: 884