དབྱེ་ཁག་གི་གཏན་འཛོད།ངེས་མེད།

སྤྱི་ལོ་༢༠༡༦ ལོའི་ འབྲུག་རྒྱལ་གཞུང་གི་གྲོགས་རམ་ཐོག་ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ཕྱི་སེལ་གདམ་འཐུ་སྒྲུབ་མི།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འབྲུག་རྒྱལ་གཞུང་གི་གྲོགས་རམ་ཐོག་ལུ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ཕྱི་སེལ་གདམ་འཐུ་སྒྲུབ་མི་ཚུ་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ། Post Views: 856

ནེ་ཧི་རོ་དབང་ཕྱུག་སློབ་གཉེར་གྲོགས་རམ་༢༠༡༦།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༦-༢༠༡༧ ལོའི་ ནེ་ཧི་རོ་དབང་ཕྱུག་སློབ་གཉེར་གྲོགས་རམ་ མི་གྲངས་༥ གི་དོན་ལུ་ ཡོད་པའི་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ། Post Views: 895

བཀོད་ཁྱབ་ཀྱི་གྲོས་འཛོམས་ཐེངས་༤ པ། མཉམ་རུབ་ཀྱི་ཐོག་ལུ་འགོ་འཁྲིད་འབད་ནི།

སྤྱི་ལོ་༢༠༡༥ སྤྱི་ཟླ་༡༢ པའི་སྤྱི་ཚེས་༢༤-༢༥ ཚུན་ ཉིན་གྲངས་གཉིས་ཀྱི་རིང་ ཕུན་ཚོགས་གླིང་རྒྱལ་འཛིན་གཞུང་སྐྱོང་དང་ཐབས་་རིག་སྤེལ་ཁང་དང་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཉིས་ མཉམ་རུབ་ཀྱི་འགོ་འདྲེན་ཐོག་ལུ་ ལྷན་ཁག་དང་རྫོང་ཁག་ དེ་ལས་རང་སྐྱོང་ལས་སྡེ་ཚུ་ནང་ འགོ་འཁྲིད་མཛད་མི་ བཀོད་ཁྱབ་ཀྱི་གོ་གནས་ཁར་ཡོད་པའི་ མི་གྲངས་༡༠ གིས་ བཀོད་ཁྱབ་ཀྱི་གྲོས་འཛོམས་ཐེངས་༤ པའི་ “མཉམ་རུབ་ཀྱི་ཐོག་ལས་འགོ་འཁྲིད་འབད་ནི་” ཟེར་བའི་བརྗོད་དོན་གུར་ གྲོས་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ཨིན། དེ་ཁར་ ཞི་གཡོག་ལེགས་བསྒྱུར་གྱི་དོན་ཚན་གཙོ་ཅན་༥ དང་ འབྲེལ་ཡོད་གནད་དོན་ཚུ་གུར་ གྲོས་བསྡུར་གནང་ཡོདཔ་ཨིན།  ཁ་གསལ། Post Views: 842