དབྱེ་ཁག་གི་གཏན་འཛོད།ངེས་མེད།

ལུང་བསྟན་གྱི་རྒྱལ་སྲས་འཁྲུངས་སྟོན་ལུ་ བཀྲིས་ལེགས་སྨོན་ཞུ།

༉    བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལས།།  ཡབ་རྗེ་དམ་པ་འབྲུག་རྒྱལ་ལྔ་པ་མཆོག། ཡུམ་མཆོག་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ལས།། མཆོག་སྤྲུལ་བརྒྱུད་འཛིན་རྒྱལ་སྲས་བལྟམས་པ་ལེགས།། ཉ་ཕྲུག་ཆུ་ལ་ལུས་རྩལ་རྒྱས་པ་བཞིན།། སྲས་མཆོག་འོ་མའི་བཅུད་ཀྱིས་གང་སྐུ་རྒྱས།། ད་ནས་ཉིན་བཞིན་དམ་པའི་མཛད་བྱར་བསླབ།། ཆ་ལུགས་བཟང་པོའི་ལུགས་ལས་མི་འདའ་བར།། ཐ་མར་གསེར་ཁྲིར་བྱོན་ནས་བརྒྱུད་འཛིན་པའི།། བཀྲིས་ལེགས་སྨོན་ཞི་གཡོགཔ་ཡོངས་ནས་ཕུལ།། ཡ་རབས་ཁྱོད་སྐུ་བལྟམས་པའི་སྐུ་དྲིན་ལས།། སྤྱིར་བཏང་འཛམ་གླིང་ཞི་བདེ་བཀོད་པར་ཤོག། བྱེ་བྲག་ཆོས་ལྡན་འབྲུག་གི་རྒྱལ་ཁབ་འདི།། བདེ་སྐྱིད་ཉི་མ་ནུབ་མེད་ཤར་བར་སྨོན།།       Post Views: 872

ཕྱི་རྒྱལ་ཨཱོས་ཊེ་ལི་ཡ་ལུ་ གཡོག་གི་ས་སྟོང་གསལ་བསྒྲགས།

ལས་གཡོག་ལྷན་ཁག་ ལཱ་གཡོག་ལས་ཁུངས་ཀྱིས་ཁ་ཐུག་ལས་ ཕྱི་རྒྱལ་གཡོག་སྤྲོད་ལས་འཆར་འོག་ལུ་ གཤམ་གསལ་གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 825

གནས་སྐབས་ཅིག་གི་དོན་ལུ་ ཞི་གཡོག་བརྡ་དོན་རིམ་ལུགས་འདི་ ལག་ལེན་འཐབ་མི་བཏུབ།

ཞི་གཡོག་བརྡ་དོན་རིམ་ལུགས་འདི་ ཉམས་བཅོས་འབད་དོ་ཡོདཔ་ལས་ ད་རིས་སྤྱི་ཚེས་༡/༢/༢༠༡༦ ཆུ་ཚོད་༩ ལས་ ཉི་མ་ཆུ་ཚོད་༡ ཚུན་ གནས་སྐབས་ཅིག་གི་དོན་ལུ་ ལག་ལེན་འཐབ་མི་བཏུབ་ནི་ཨིནམ་ལས་ ག་ར་གིས་བཟོད་པ་བཞེས་གནང་ཟེར་ཞུ་བ་འབདཝ་ཨིན། Post Views: 859