དབྱེ་ཁག་གི་གཏན་འཛོད།འཕྲལ་གྱི་གནས་ཚུལ།

སྤྱི་ལོ་༢༠༡༥ འི་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་ཚུ་གི་དོན་ལུ་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ཁྱབ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ཚེས་༢༠/༠༡/༢༠༡༦ ལུ་ འགོ་ཐོག་ཁཝ་རྐྱབ་པའི་ངལ་གསོ་དང་ སྤྱི་ཚེས་༢༥/༠༡/༢༠༡༦ ལུ་ ཁྲོམ་སྡེ་བཙག་འཐུའི་དུས་ཚོད་འབདཝ་ལས་བརྟེན་ སྤྱི་ཚེས་༢༠, ༢༡, ༢༢, དང་ ༢༥ ལུ་ ངག་རྒྱུགས་ཀྱི་ཆོས་རྒྱུགས་ཕོག་མི་ཚུ་ གཤམ་གསལ་ལྟར་བསྒྱུར་བཅོས་སོང་ཡོདཔ་ཨིན། ཨང་ ཧེ་མའི་ངག་རྒྱུགས་ཚེས་གྲངས། ངག་རྒྱུགས་བསྒྱུར་བཅོས་ཚེས་གྲངས། ༡༽ ༢༠/༠༡/༢༠༡༦ ༢༡/༠༡/༢༠༡༦ ༢༽ ༢༡/༠༡/༢༠༡༦ ༢༢/༠༡/༢༠༡༦ ༣༽ ༢༢/༠༡/༢༠༡༦ ༢༣/༠༡/༢༠༡༦ ༤༽ ༢༥/༠༡/༢༠༡༦ ༢༤/༠༡/༢༠༡༦   ངག་རྒྱུགས་ཚེས་གྲངས་གཞན་རིགས་ རང་འཇགས་དེ་སྦེ་རང་ཡོདཔ་ཨིན། Post Views: 851

གོ་གནས་ཡར་སེང་།

སྤྱི་ཚེས་༢༢/༡༢/༢༠༡༥ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་༤༨ པའི་ གྲོས་ཆོད་དང་འཁྲིལ་ཏེ་ མི་གྲངས་༡༢ ལུ་ གཟེངས་ཐོན་གོ་གནས་ཡར་སེང་དང་ མི་གྲངས་༡༨ ལུ་ མགྱོགས་འགྲོས་གོ་གནས་ཡར་སེང་ གནང་ཡོདཔ་ཨིན། གཟེངས་ཐོན་གོ་གནས་ཡར་སེང་།  ཁ་གསལ། མགྱོགས་འགྲོས་གོ་གནས་ཡར་སེང་།  ཁ་གསལ། Post Views: 884

སློབ་སྟོན་སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ཚུ་གི་ ཕྱི་སེལ་གདམ་འཐུ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཤམ་གསལ་གྱི་མི་ངོམ་ཚུ་ སློབ་སྟོན་སྦྱོང་བརྡར་གྱི་དོན་ལུ་ ཕྱི་སེལ་གདམ་འཐུ་གྲུབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ། Post Views: 899