དབྱེ་ཁག་གི་གཏན་འཛོད།འཕྲལ་གྱི་གནས་ཚུལ།

བརྡ་སྐུལ།

ད་ལན་ སྤྱི་ཚེས་༢༥/༠༧/༢༠༡༧ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཚོགས་ཐེངས་༡༠༤ པའི་ གྲོས་ཆོད་ལྟར་ ཁྱད་རིག་དང་འཛིན་སྐྱོང་ དེ་ལས་ ལྟ་བཀོད་དང་རྒྱབ་སྐྱོར་གྱི་གོ་གནས་ཀྱི་དབྱེ་རིམ་ནང་ཡོད་མི་ཞི་གཡོགཔ་ཚུ་ སྤྱི་ལོ་༢༠༡༧-༢༠༡༨ ལོའི་ རང་སོའི་ལཱ་གི་ལས་འཆར་བཟོ་སྟེ་ སྤྱི་ཚེས་༣༡/༠༨/༢༠༡༧ གྱི་ནང་འཁོད་ ཞི་ལྷན་མཆོག་འགྱུར་འཛིན་སྐྱོང་སྡེ་ཕྲན་ལུ་ གློག་རིག་ཡོངས་འབྲེལ་ཐོག་སྤྲོད་ཚར་དགོ་པའི་དྲན་གསོ་གི་བརྡ་སྐུལ་འབདཝ་ཨིན།   ཁ་གསལ། Post Views: 1,107

སྤྱི་ལོ་༢༠༡༧ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ སྔོན་འགྲོ་ཆོས་རྒྱུགས་ཀྱི་ཁ་གསལ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ སྔོན་འགྲོ་ཆོས་རྒྱུགས་ཀྱི་ཁ་གསལ་གསལ་བསྒྲགས་འབདཝ་ཨིན། ༡. ཆོས་རྒྱ྄གས་ཀྱི་་ས་གནས། ༢. ཆོས་རྒྱུགས་ཀྱི་ལམ་ལུགས། ༣. སྔོན་འགྲོའི་ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་མིའི་གྲངས་ཐོ། Post Views: 859

ལྟ་སྐྱོར་གོངམ་གི་གནས་རིམ་ནང་གོ་གནས་ཡར་སེང་ཐོབ་མི་ ཡང་ན་གོ་གནས་བསྐྱར་བཟོ་འབད་མི་ཚུ་གི་དོན་ལུ་ ཞི་གཡོག་ཕན་བདེའི་ཕན་འདེབས་མ་དངུལ་བསྡུ་ཐངས།

སྤྱི་ལོ་༢༠༡༦ སྤྱི་ཟླ་༣ པའི་སྤྱི་ཚེས་༡ ལས་ ལེགས་བསྒྱུར་གྱི་ཡ་གྱལ་ཅིག་སྦེ་ཞི་གཡོག་ནང་འབྲུག་གི་ཞི་གཡོག་ཞི་བཀོད་ནང་ ལྟ་སྐྱོར་གོངམ་གི་དབྱེ་ཁག་ཅིག་འགོ་བཙུགས་འབད་ཡོདཔ་ཨིན།   ཁ་གསལ། Post Views: 949