དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་ཁྱབ་བསྒྲགས།

ཧཱ་རྫོང་ཁག་གི་ རྫོང་བདག་འདེམས་བསྐོས་གནང་ཡོདཔ།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢ པའི་ དོན་ཚན་༡༩༽ ཙ་ པའི་དགོངས་དོན་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕྱི་འབྲེལ་ལྷན་ཁག་ འབྲུག་གཞུང་སྐུ་ཚབ་ཡིག་ཚང་འོག་གི་ ནིའུ་ཌེ་ལི་གཞུང་ཚབ་ཡིག་ཚང་གི་ གཞུང་ཚབ་གཙོ་འཛིན་འོགམ་ ཀུན་བཟང་དེ་ཉིད་ རང་ཟླ་༡༠ པའི་ཚེས་༠༥ ལས་ ཧཱ་རྫོང་ཁག་གི་རྫོང་བདག་འབད་ འདེམས་བསྐོས་གནང་ཡོདཔ་ཨིན། Post Views: 946

སྤྱི་ལོ་༢༠༡༥ འི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་གྲུབ་འབྲས་གསལ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། ཨུ་ཨེསི་ཨེ་ ཨཱཀ་ནེསི་ཨིསིཀོཌ་མཐོ་རིམ་སློབ་གྲྭ་ལས་ དཔལ་འབྱོར་ཤེས་ཚད་ཀྱི་ཆོས་ཚན་སྦྱངས་མི་ འཆི་མེད་སྒྲོལ་མ་གིས་ སྤྱིར་བཏང་ཞི་གཡོག་ཆོས་རྒྱུགས་ཀྱི་དབྱེ་ཁག་ནང་ལས་ སྐུགས་ཚད་བརྒྱ་དཔྱ་༦༨.༨༤ ཐོབ་སྟེ་ ཨང་དང་པ་ཐོབ་ཡོདཔ་ཨིན། ཁ་གསལ། Post Views: 922

ཞི་གཡོག་ཕན་བདེ་ལས་རིམ་འགོ་འབྱེད་མཛད་གནང་ཡོད།

གནམ་ལོ་ཤིང་ལུག་ ཟླ་༩ པའི་ཚེས་༢༨ སྤྱི་ལོ་༢༠༡༥ སྤྱི་ཟླ་༡༡ པའི་སྤྱི་ཚེས་༩ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་ དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠ བཞེས་པའི་དུས་ཆེན་བརྩི་སྲུང་དང་འབྲེལ་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་རིན་པོ་ཆེའི་དབུ་བཞུགས་མཛད་དེ་ ཞི་གཡོག་ཕན་བདེའི་ལས་རིམ་འདི་ རྟེན་འབྲེལ་མཛད་སྒོ་མདོར་བསྡུས་ཙམ་ཅིག་སྦེ་ འགོ་འབྱེད་མཛད་གནང་ཡོདཔ་ཨིན། སྤྱི་ཟླ་འདི་གི་སྤྱི་༡༡ ལས་རྐྱངམ་གཅིག་ ལས་རིམ་འདི་ལག་ལེན་འགོ་བཙུགས་ནི ། ཁ་གསལ། Post Views: 945