དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་ཁྱབ་བསྒྲགས།

བཀོད་ཁྱབ་གནས་སོར།

སྤྱི་ཚེས་༡༢/༠༡/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཚོགས་ཐེངས་༥༡ པའི་ གྲོས་ཆོད་དང་འཁྲིལ་ཏེ་ གཤམ་འཁོད་བཀོད་ཁྱབ་ཚུ་ འོག་ལུ་བཀོད་མི་ཁ་གསལ་དང་འཁྲིལ་ཏེ་ སྤྱི་ཚེས་༡༥/༠༡/༢༠༡༦ ལས་ ལས་གཡོག་གནས་སོར་འབད་བཏངམ་ཨིན།  ཁ་གསལ། Post Views: 869

བཀོད་ཁྱབ་ཀྱི་གོ་གནས་ཡར་སེང་། ༡/༡/༢༠༡༦ ལས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ སྤྱི་ཚེས་༢༢/༡༢/༢༠༡༥ ལུ་ ཚོགས་ཡོད་པའི་ ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་༤༨ པའི་གྲོས་ཆོད་དང་འཁྲིལ་ཏེ་ སྤྱི་ཚེས་༠༡/༠༡/༢༠༡༦ ལས་ བཀོད་ཁྱབ་གསུམ་ལུ་ གོ་གནས་ཡར་སེང་གནང་ཡོདཔ་ཨིན།   ཁ་གསལ། Post Views: 900

དགེ་ལེགས་ཕུག་ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་གྱི་དོན་ལུ་ ཕྱི་སེལ་གྲུབ་པའི་མི་ངོམ་ཚུ་གི་གསལ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ དགེ་ལེགས་ཕུག་ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་གྱི་གོ་གནས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་མི་ མི་གྲངས་༩ ཕྱི་སེལ་གདམ་འཐུ་འབད་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཕྱི་སེལ་གྲུབ་མི་ཚུ་གི་གྲུབ་འབྲས་ཚུ་ གློག་འཕྲིན་བརྒྱུད་དེ་གསལ་བསྒྲགས་འབད་ཡོདཔ་ཨིན། ཕྱི་སེལ་གདམ་འཐུ་གྲུབ་མི་ཚུ་ མཐའ་དཔྱད་གདམ་འཐུའི་དྲི་ལན་གྱི་དོན་ལུ་ སྤྱི་ཚེས་༢༧/༠༡/༢༠༡༦ ལུ་ ཞི་ལྷན་ཞལ་འཛོམས་ཁང་ནང་ དྲོ་པ་ཆུ་ཚོད་༨:༥༠ ལུ་ འཛོམས་གནང་ཟེར་ཞུ་བ་འབདཝ་ཨིན། བརྡ་དོན་ཁ་གསལ་གྱི་དོན་ལུ་ བཀོད་ཁྱབ་འཛིན་སྐྱོང་སྡེ་ཚན་གྱི་ ཞིབ་རོགས་མི་སྟོབས་འགོ་དཔོན་ ངོམ་ཚེ་རིང་དཔལ་འབྱོར་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་༣༢༢༤༩༡/༣༢༢༩༥༤/༣༢༢༩༥༦ ནང་ ཡིག་ཚང་གི་དུས་ཚོད་ཁར་འབྲེལ་བ་འཐབ་གནང། Post Views: 875