དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་ཁྱབ་བསྒྲགས།

སོ་ནམ་དང་ནགས་ཚལ་ལྷན་ཁག་ སོ་ནམ་དང་ནགས་ཚལ་གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་ མདོ་ཆེན་གྱི་དོན་ལུ་ གདམ་འཐུའི་གྲུབ་འབྲས།

སོ་ནམ་དང་ནགས་ཚལ་ལྷན་ཁག་ སོ་ནམ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་འོག་གི་ ནགས་ཚལ་ཐོན་སྐྱེད་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ངོ་མིང་  ཕན་ཏོག་ཚེ་རིང་ ཞི་གཡོག་ངོ་རྟགས་ཨང་༩༤༠༧༠༧༤ ཅན་མ་དེ་ གོ་གནས་ཀྱི་གནས་རིམ་བཀོད་ཁྱབ་༣ པ་ ཀ་ནང་ མདོ་ཆེན་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན།   ཁ་གསལ། Post Views: 972

བཀོད་ཁྱབ་གནས་སོར།

སྤྱི་ཚེས་༠༣/༠༥/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་ཚོགས་ཞལ་འཛོམས་ཐེངས་༦༠ པའི་གྲོས་ཆོད་དང་འཁྲིལ་ཏེ་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱི་ སྨན་རིགས་ཚད་འཛིན་འགོ་དཔོན་ བསོད་ནམས་རྡོ་རྗེ་དེ་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེའི་ཡིག་ཚང་ནང་ བཀོད་དཔོན་སྦེ་ སྤྱི་ཚེས་༡༥/༠༥/༢༠༡༦ ལས་ ལས་གཡོག་གནས་སོར་སྦེ་བཏངམ་ཨིན།   Post Views: 851

མི་དམངས་སྲིད་བྱུས་འཛིན་སྐྱོང་ལས་རིམ་གྱི་དོན་ལུ་ཁྱབ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྒྱ་གར་ཚོང་རིག་སློབ་གྲྭ་ བྷར་ཏི་མི་དམངས་སྲིད་བྱུས་སྤེལ་ཁང་ནང་ལུ་སྦེ་ སྤྱི་ལོ་༢༠༡༦-༢༠༡༧ ལོ་ངོ་༡ གི་ མི་དམངས་སྲིད་བྱུས་འཛིན་སྐྱོང་ལས་རིམ་གྱི་དོན་ལུ་ ས་སྟོང་གཅིག་གཉིས་དེ་ཅིག་ཡོད་པའི་ཁྱབ་བསྒྲགས་འབདཝ་ཨིན། ཁྱབ་བསྒྲགས་གཟིགས་ནིའི་དོན་ལུ་ གཡེབ་གནང་། བརྡ་དོན་ཁ་གསལ་གྱི་དོན་ལུ་ གཡེབ་གནང་། Post Views: 888