དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་ཁྱབ་བསྒྲགས།

རྫོང་བདག་འདེམས་བསྐོས།

ད་ལན་རང་ལུགས་གནམ་ལོ་ མེ་ཕོ་སྤྲེལ་ལོ་ ཟླ་༤པའི་ཚེས་༢༠སྤྱི་ལོ་༢༠༡༦སྤྱི་ཟླ་༠༥པའི་ སྤྱི་ཚེས་༢༦ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བཀའ་ཤོག་གནང་མིའི་ནང་གསལ་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་རྩ་ཚན་གཉིས་པའི་དོན་ཚན་༡༩ པ་ཙ༽ པའི་དགོངས་དོན་ལྟར་ རྫོང་བདག་ཚུ་འདེམས་བསྐོས་གནང་ཡོདཔ་ཨིན།   ཁ་གསལ། Post Views: 846

བཀོད་ཁྱབ་གནས་སོར།

སྤྱི་ཚེས་༢༥/༠༥/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་ཚོགས་ཞལ་འཛོམས་ ཐེངས་༦༣ པའི་གྲོས་ཆོད་དང་འཁྲིལ་ཏེ་ གཤམ་གསལ་གྱི་རྫོང་བདག་ཚུ་གནས་སོར་བཏང་ཡོདཔ་ཨིན།    ཁ་གསལ། Post Views: 798

བཀོད་ཁྱབ་འགོ་ཁྲིདཔ་གོང་འཕེལ་ལས་རིམ།

ལྷན་ཁག་དང་ལས་སྡེ་ རྫོང་ཁག་ཚུ་གི་བཀོད་ཁྱབ་གོངམ་གི་གོ་གནས་ཁར་ཡོད་པའི་ མི་གྲངས་༢༠ གིས་ ཨཱོས་ཊེ་ལི་ཡ་ ཀུཡིནས་ལེན་ལུ་འབད་ སྤྱི་ལོ་༢༠༡༦ སྤྱི་ཟླ་༠༥ སྤྱི་ཚེས་༠༩-༢༠ ཚུན་ བཀོད་ཁྱབ་འགོ་ཁྲིདཔ་གོང་འཕེལ་གྱི་ལས་རིམ་ནང་བཅའ་མར་གཏོགས་ཡོདཔ་ཨིན། ཁ་གསལ། Post Views: 840