དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་ཁྱབ་བསྒྲགས།

གཟེངས་ཐོན་དང་མགྱོགས་གྲོས་གོ་གནས་ཡར་སེང་།

སྤྱི་ཚེས་༡༤/༠༦/༢༠༡༦ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཚོགས་ཐེངས་༦༦ དང་ སྤྱི་ཚེས་༢༡/༠༦/༢༠༡༦ ལུ་ཚོགས་ཡོད་པའི་་ ལྷན་ཚོགས་ཞལ་འཛོམས་ཐེངས་༦༧ པའི་གྲོས་ཆོད་དང་འཁྲིལ་ཏེ་ ཞི་གཡོགཔ་མི་གྲངས་༢༦ ལུ་ གཟེངས་ཐོན་གོ་གནས་ཡར་སེང་དང་ ཞི་གཡོགཔ་མི་གྲངས་༡༠ ལུ་ མགྱོགས་གྲོས་གོ་གནས་ཡར་སེང་འབད་ཡོདཔ་ཨིན།   ཁ་གསལ། Post Views: 857

ཇ་པཱན་རྒྱལ་སྤྱིའི་མཐུན་འབྲེལ་ལས་སྡེའི་འོག་གི་ཁས་བླངས་པ་གོངམ་ཚུ་ལུ་བཀའ་དྲིན་ལེགས་སོའི་ལས་རིམ།

འབྲུག་གཞུང་གི་ཁ་ཐུག་ལས་འབད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཧིད་ཀོ་ཧ་ར་དང་ཡོ་ཤི་ཧི་རོ་ ཧོ་རིའུ་ཅི་དང་ཇེན་ཀ་ཏོ་ཕོར་བཞི་གིས་ འབྲུག་མི་དང་འབྲུག་གཞུང་ལུ་ ལྷག་བསམ་རྣམ་དག་གི་ཐོག་ལས་ ཕྱག་ཕྱིད་ཞབས་ཏོག་ལེགས་ཤོས་སྦེ་ཞུ་ཡོད་མི་ལུ་ ངལ་རངས་དང་བཀྲིན་དགའ་ཚོར་ཞུཝ་ཨིན།    ཁ་གསལ་གྱི་དོན་ལུ་ ནཱ་ལུ་གཡེབ་གནང་། Post Views: 872

ཞི་གཡོག་ཕན་བདེའི་ལས་འཆར་འདི་ ཡོངས་འབྲེལ་ཐོག་ལས་ལག་ལེན་འཐབ་བཏུབ་སྦེ་བཟོ་ཡོད་མི་འདི་ འགོ་འབྱེད་འབད་ཡོདཔ།

སྤྱི་ལོ་༢༠༡༦ སྤྱི་ཟླ་༠༦ པའི་སྤྱི་ཚེས་༢༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ཕན་བདེའི་ལས་འཆར་འདི་ ཡོངས་འབྲེལ་ཐོག་ལས་ལག་ལེན་འཐབ་བཏུབ་སྦེ་བཟོ་ཡོད་མི་འདི་ འགོ་འབྱེད་འབད་ཡོདཔ་ཨིན། ད་ལས་ཕར་ མི་སྟོབས་འགོ་དཔོན་ཚུ་གིས་ ཞི་གཡོག་ཕན་བདེའི་ལས་འཆར་གྱི་ཐོབ་བརྗོད་ཚུ་ ཡོངས་འབྲེལ་ཐོག་ལས་འབད་ནི་ཨིན།  ཁ་གསལ། Post Views: 827