རྩོམ་སྒྲིག་པའི་གཏན་མཛོད།: Ugyen Zangmo

སྤྱི་ལོ་༢༠༡༦ ལོའི་ ཨེ་ཤེ་ཡའི་འཛིན་སྐྱོང་སྤེལ་ཁང་ནང་ གོང་འཕེལ་འཛིན་སྐྱོང་གི་གཙུག་ལག་མཐོ་རིམ་ཤེས་ཚད།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༦ ལོའི་ ཨེ་ཤེ་ཡའི་འཛིན་སྐྱོང་སྤེལ་ཁང་ནང་ གོང་འཕེལ་འཛིན་སྐྱོང་གི་གཙུག་ལག་མཐོ་རིམ་ཤེས་ཚད་ཀྱི་དོན་ལུ་ ཞུ་ཡིག་ཚུ་ངོས་ལེན་འབད་དེ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ ཡོངས་འབྲེལ་ཁ་བྱང་འདི་ནང་ལས་གཟིགས་གནང་།   http://mdmonlineadmissions.aim.edu/. Post Views: 893

སོ་ནམ་དང་ནགས་ཚལ་ལྷན་ཁག་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་ མདོ་ཆེན་གྱི་དོན་ལུ་ ཕྱི་སེལ་གདམ་འཐུ་གྲུབ་པའི་ཐོ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ ནགས་ཚལ་དང་གླིང་ཀ་ཞབས་ཏོག་ལས་ཁུངས་ཀྱི་ མདོ་ཆེན་གྱི་ལུ་ ཞུ་ཡིག་བཙུགས་མི་༡༠ གྱིས་ཕྱི་སེལ་གདམ་འཐུ་གྲུབ་ཡོད་མི་ཚུ་ རང་སོའི་གློག་འཕྲིན་བརྒྱུད་དེ་གསལ་བསྒྲགས་འབདཝ་ཨིན། ཕྱི་སེར་གྲུབ་མི་ཚུ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༥ པའི་སྤྱི་ཚེས་༥ གི་ དྲོ་པ་ཆུ་ཚོད་༨:༥༠ ལུ་ ཞི་གཡོག་ལྷན་ཚོགས་ནང་སྙན་ཞུ་འབད་གནང་ཟེར་ཞུ་ནི། ས་སྟོང་གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ ཞུ་ཡིག་བཙུགས་མི་ག་ར་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ བཀྲིན་ཆེ་ཟེར་ཞུ་ནི་ཨིན། བརྡ་དོན་ཁ་གསལ་གྱི་དོན་ལུ་ ཡིག་ཚང་གི་དུས་ཚོད་ཁར་ ཞི་གཡོག་ལྷན་ཚོགས་ཀྱི་ བཀོད་ཁྱབ་འཛིན་སྐྱོང་སྡེ་ཚན་གྱི་ མི་སྟོབས་འགོ་དཔོན་ ལུའིས་མོང་གར་དང་ཚེ་རིང་དཔལ་འབྱོར་གཉིས་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༣༢༢༤༩༡/ ༣༢༢༩༥/༦༤༣༢༢/༣༢༢༩༥༦ ཐད་ཐཀར་འབྲེལ་འཐབས་ཨང་༡༣༢ ནང་འབྲེལ་བ་མཛད་གནང་། Post Views: 1,014

སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ རྒྱ་གར་འཕྲུལ་རིག་དང་དཔལ་འབྱོར་མཐུན་འབྲེལ་གྱི་སྦྱོང་བརྡར་ལས་རིམ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྒྱ་གཞུང་ ཕྱི་འབྲེལ་ལྷན་ཁག་གིས་རྒྱབ་སྐྱོར་ཧྲིལ་འབུམ་ཡོད་པའི་ སྤྱི་ལོ་༢༠༡༦ དང་༢༠༡༧ ལོའི་ ཀོ་ལོམ་བྷོ་འཆར་གཞིའི་སྦྱོང་བརྡར་གྱི་ རྒྱ་གར་འཕྲུལ་རིག་དང་དཔལ་འབྱོར་མཐུན་འབྲེལ་གྱི་སྦྱོང་ཚན་གྱི་དོན་ལུ་ ཐོ་བཀོད་འགོ་བཙུགས་ཡོདཔ་ལས་ དང་འདོད་ཡོད་མི་ཚུ་གིས་ ཞུ་ཡིག་བཙུགས་དགོ་པའི་ཞུ་བ་འབདཝ་ཨིན།  ཁ་གསལ། Post Views: 866