རྫོང་བདག་འདེམས་བསྐོས་གནང་ཡོདཔ།- ༡༤/༠༦/༢༠༡༦།
མི་དབང་མངའ་བདག་རིན་པོ་ཆེ་༧ མཆོག་གིས་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢ པའི་དོན་ཚན་༡༩ པ་ ཙ༽ པའི་དགོངས་དོན་དང་འཁྲིལ་ཏེ་ གཤམ་གསར་གྱི་ རྫོང་ཁག་ཚུ་ནང་ རྫོང་བདག་འདེམས་བསྐོས་གནང་ཡོདཔ་ཨིན།
༡༽ བསྟན་འཛིན་འཕྲིན་ལས་དེ་ཉིད་ སྤ་རོ་རྫོང་ཁག་གི་རྫོང་བདག་སྦེ་ འདེམས་བསྐོས་གནང་ཡི།
༢༽ བསོད་ནམས་དབང་རྒྱལ་དེ་ཉིད་ བསམ་རྩེ་རྫོང་ཁག་གི་རྫོང་བདག་སྦེ་ འདེམས་བསྐོས་གནང་ཡི།