རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་མཆོག་ལུ་ བཀྲིས་བདེ་ལེགས་ཞུ།- ༢༢/༡༢/༢༠༡༥།
སྤྱི་ལོ་༢༠༡༥ སྤྱི་ཟླ་༡༢ པའི་སྤྱི་ཚེས་༡༧ ག་ནི་བ་རྩ་ཅན་གྱི་ཉིནམ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ཐེངས་༡༠༨ པའི་སྐབས་ལུ་ མི་དབང་མངའ་དབག་རིན་པོ་ཆེའི་ཞབས་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ཚུལ་ཁྲིམས་ལུ་ ཞི་གཡོག་ནང་ལུ་ ལོ་ངོ་མང་རབས་ཅིག་ ཐ་དམ་ཚིག་གཙོ་བོ་བཏོན་ཏེ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ རྒྱལ་གཞུང་ལུ་ ཕྱག་ཕྱིད་ལེགས་ཤོམ་སྦེ་ཞུ་ཡོད་པའི་ངོས་འཛིན་ དྲགོས་གཉིས་སྐལམ་གྱི་གོ་གནས་ཁར་ བུ་རས་དམརཔ་དང་དཔའ་རྟགས་གནང་ཡོདཔ་ཨིན། འདི་ལུ་ ང་བཅས་ཞི་གཡོགཔ་ཡོངས་ཀྱི་ཁ་ཐུག་ལས་དང་ ལྷག་པར་དུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་བཟའ་ཚང་གི་ཧོངས་ལས་ བཀྲིས་བདེ་ལེགས་ཞུཝ་ཨིན། ཁ་གསལ།