འཛམ་གླིང་གསོ་བའི་ལས་ཚོགས་ཡིག་ཚང་ནང་གཡོག་གི་ས་སྟོང་ཚུ་ཡོདཔ།- ༡༩/༠༢/༢༠༡༩།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོའི་ནང་གཡོག་གི་ས་སྟོང་གསལ་བསྒྲགས་འབད་མིའི་ཐོ་ཚུ་ཁྱབ་བསྒྲགས་འབདཝ་ཨིན། དེ་ཡང་ རྒྱལ་སྤྱིའི་ཡིག་ཚང་ཚུ་ནང་ལས་བྱེད་བཙུགས་ཡོད་མི་ཚུ་ལུ་ གཡོག་གི་གོ་སྐབས་ཀྱི་དོན་ལུ་བརྡ་ལན་འབད་ཚུགས་པའི་དམིགས་ཡུལ་དང་འཁྲིལ་ཏེ་ཨིན། ཁ་གསལ་གཟིགས་གནང་།